བཙག་འཐུ་གྲུབ་པའི་ ཐིམ་ཕུག་ཁྲོམ་སྡེའི་ཚོགས་པ་ཚུ་ལུ་ རྫོང་ཁག་ཡུ་ནི་ཀཱོདྲ་གི་སྦྱོང་བརྡར།

Unicode.jpeg 767.83 KB


ཧེལ་བེ་ཀྲས་བུ་ཀྲན་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ བཙག་འཐུ་ལས་གྲུབ་པའི་ ཐིམ་ཕུག་ཁྲོམ་སྡེ་ཀྱི་ ཚོགས་པ་ཚུ་ལུ་ རྫོང་ཁག་ཡུ་ནི་ཀཱོདྲ་ལག་ལེན་འཐབ་ཐངས་ཀྱི་སྦྱོང་བརྡར་ཅིག་གོ་འདྲེན་འཐབ་ཡོདཔ་ཨིན། དེ་གི་སྐབས་ ཁོང་ཚོགས་པ་ཚུ་ལུ་ མེད་ཐབས་མེད་པའི་ གཞུང་འབྲེལ་གྱི་ཡིག་གུ་དང་གན་ཡིག་བཟོ་ཐངས་ཀྱི་མ་ཚད་པར གཞན་ཡང་ མགྲོན་འབོད་དང་གསལ་ཞུ་ཚུ་བཀོད་རིས་འབད་ཐངས་ཀྱི་སྐོར་སྟོན་བྱིན་ཡོདཔ་ཨིན།
ལས་ཁུངས་ཀྱི་ཁ་ཐུག་ལས་ དེ་བཟུམ་གྱི་ལས་རིམ་འགོ་འདྲེན་འཐབ་དགོ་མི་གཙོ་བོ་རང་ ཚོགས་པ་ཁོང་རའི་ཁ་ཐུག་ལས་ རྫོང་ཁག་ཡུ་ནི་ཀོདྲ་འདི་ ཁོང་ལུ་དུས་རྒྱུན་ལཱ་འབད་བའི་ནམ་དུས་ལུ་ ཁག་ཆེཝ་སྦོམ་ཡོད་པའི་ཞུ་བ་ཕུལ་བའི་ཤུལ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ཡང་ བུ་ཀྲང་ཨིན་ཀྲར་དྲིས་པིལི་ན་རི་ཞིབ་འཚོལ་དང་གོང་འཕེལ་སྤེལ་ཁང་( Bhutan Interdisciplinary Research and Development Institute) གི་བྱིན་ཡོདཔ་ད་  བཅའ་མར་གཏོགས་མི་ཚུ་གི་ཁ་ཐུག་ལས་འབད་རུང་ ངལ་རངས་སྦོམ་འབྱུང་ཡོད་པའི་བསམ་ལན་བཤད་ཡོདཔ་ཨིན། སྦྱོང་བརྡར་འདི་ཡང་ བཅའ་མར་གཏོགས་མི་ཚུ་ལུ་ ལག་ཁྱེར་ཕུལ་ཐོག་ལས་མཇུག་བསྡུ་ཡོདཔ་ཨིན།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved