ས་གནས་གཞུང་གི་ཚོགས་རིམ་བྱ་སྒོའི་ལམ་སྟོན་བསྐྱར་ཞིབ།

ཉིན་གྲངས་༢ གི་གོ་བསྡུར་ཞལ་འཛོམས་འདི་ ས་གནས་གཞུང་གི་ཚོགས་རིམ་བྱ་སྒོའི་ལམ་སྟོན་འདི་ བསྐྱར་ཞིབ་དང་བསྐྱར་བཟོ་གི་དོན་ལས་ སྤྱི་ལོ་་༢༠༢༡ སྤྱི་་ཟླ་༡༡ པའི་སྤྱི་་ཚེས་༢༣ ལས་༢༤ ལུ་འགོ་འདྲེན་ཐབས་ཡོདཔ་ཨིན། ལམ་སྟོན་འདི་ སྤྱི་ལོ་༢༠༢༠ ལུ་ ས་གནས་གཞུང་ཚུ་དང་ཁོང་རའི་བདག་སྐྱོང་ནང་ལུ་ ཚོགས་རིམ་ཚུ་དོན་སྨིན་ཅན་སྦེ་འགོ་འདྲེན་འཐབ་ཚུགས་པའི་ཐབས་ལུ་སྒྲིག་བཀོད་འབད་ཡོདཔ་ཨིན།

ལམ་སྟོན་འདི་ཡང་ ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༩ ཅན་མ་དང་ དེའི་འཕྲི་སྣོན་བཅའ་ཁྲིམས་༢༠༡༤ ཅན་མ་ དེ་ལས་ ས་གནས་གཞུང་གི་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་འབྲེལ་ཡོད་དོན་ཚན་ཚུ་ལུ་གཞི་བཞག་སྟེ་བཟོ་ཡོདཔ་ཨིན།

ས་གནས་གཞུང་གི་བྱ་སྒོའི་རིམ་པ་ཚུ་ ད་ལྟོའི་གནས་བཞིན་ཡོད་པའི་ཁྲིམས་ལུགས་ཚུའི་ དམིགས་གཏད་དང་འདི་ཡི་དགོངས་དོན་གྱི་ནང་འཁོད་འགོ་འདྲེན་འཐབ་དགོཔ་ཁག་ཆེཝ་ཨིནམ་ད་ ས་གནས་གཞུང་གི་ཚོགས་རིམ་འཚོགཔ་ད་ གྲོས་གཞི་བསྡུ་སྒྲིག་ ཞལ་འཛོམས་ཚོགས་ཐངས་དང་ རིམ་སྒྲིག་ཚུ་ ལམ་སྟོན་ཡིག་ཆ་འདི་ནང་ ས་གནས་གཞུང་གི་འཐུས་མི་དང་འགོ་དཔོན་ཚུ་གིས་ འབྲེལ་གཏུག་འབད་ནི་དོན་ལུ་ དམིགས་སུ་ཀར་ཏེ་ཡོདཔ་ཨིན།

ལམ་སྟོན་འདི་ལོ་ངོ་གཅིག་གི་རིང་ལུ་  ས་གནས་གཞུང་ཚུ་ནང་ ལག་ལེན་འཐབ་པའི་སྐབས་ དཀའ་ངལ་དང་གདོང་ལེན་ཚུ་ཤེས་གཏོགས་འབྱུང་ནིའི་དོན་ལས་ཨིནམ་ལས་མོ་བཏབ་འབད་ཡོདཔ་དང་ དེ་དང་འཁྲིལ་ ལམ་སྟོན་འདི་ རྫོང་ཁག་དག་པ་ཅིག་ལས་ལྷོད་པའི་བསམ་ལེན་དང་འཁྲིལ་ བསྐྱར་ཞིབ་འབད་ཡོདཔ་ཨིན།

བསྐྱར་ཞིབ་འབད་ཡོད་པའི་ལམ་སྟོན་འདི་ ས་གནས་གཞུང་༣ པའིི་དོན་ལུ་ བཀྲམ་སྤེལ་འབད་ནི་ཨིན་པས།
 


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved