ཕྱགས་སྙིགས་མེད་པའི་ཉིནམ།

ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ ཕྱགས་སྙིགས་མེད་པའི་ཉིནམ་བརྩི་སྲུང་ཞུཝ་དང་འབྲས་ ཡིག་ཚང་ནང་འཁོད་དང་དེའི་མཐའ་འཁོར་ལུ་ མཐིལ་ཕྱིན་གྱི་ཕྱག་བརྡར་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན། 

ལས་རིམ་འདི་ དུས་མཚམས་ཀྱི་ལས་རིམ་ཅིག་འབད་འགོ་བཙུགས་པའི་ཤུལ་ དོ་རུང་ཚར་ཅིག་ ཡིག་ཚང་འདི་ཧིང་སངས་སངས་སྦེ་བཞག་ཐབས་ལུ་ ལས་གཡོགཔ་གེ་རང་ཅིག་ཁར་འཛོམས་ཡོདཔ་ཨིན། 

ཡིག་ཚང་གི་གནས་སྟངས་ ཧིང་སངས་སངས་དང་འཕྲོད་བསྟེན་ལྡན་ཏོག་ཏོ་གི་མ་དོ་བ་ དེ་བཟུམ་གྱི་ལས་རིམ་ཚུ་ ལས་གཡོགཔ་གྱི་ནང་འཁོད་ མཐུན་འབྲེལ་གོང་འཕེལ་བཏང་ཐབས་ཅིག་འབད་ཡང་གོ་སྐབས་ལེན་ཡོདཔ་ཨིན། 

ལས་རིམ་འདི་ དུས་ཅི་ལོའི་ནང་ལུ་ ཤོག་ཐེངས་༢ པ་ཨིནམ་དང་ ད་ལས་ཕ་ཡང་ མཇུག་མེན་པ་ འཕྲོ་མཐུད་ནི་གི་ལས་རིམ་ཡོདཔ་ཨིན།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved