གྲུབ་འབྲས་ལུ་གཙོ་བོར་བཏོན་པའི་འཛིན་སྐྱོང་གི་སྦྱོང་བརྡར།

IMG_6717 2 (1).jpg 471.62 KB
ཐིམ་ཕུ་དང་ ཕུན་ཚོགས་གླིང་ དེ་ལས་དགེ་ལེགས་ཕུ་ཁྲོམ་སྡེ་གི་ལས་བྱེདཔ་ཚུ་ལུ་ ཉིནམ་ལྔ་གི་རིང་ གྲུབ་འབྲས་ལུ་གཙོ་བོ་ལུ་བཏོན་པའི་འཛིན་སྐྱོང་གི་སྦྱོང་བརྡར་ཅིག་ སྤ་རོ་ལུ་སྦེ་བྱིན་ཡོདཔ་ཨིན། སྦྱོང་བརྡར་འདི་ནང་ གྲུབ་འབྲས་ལུ་གཙོ་བོ་བཏོན་པའི་འཛིན་སྐྱོང་གི་ངོ་སྤྲོད་དང་ འཆར་གཞི་གི་རིམ་པ་ འཆར་དངུལ་ལམ་ལུགས་དང་ ས་གནས་གཞུང་སྐྱོང་ཚུ་གི་སྐོར་ ཚུད་དེ་ཡོད། སྦྱོང་བརྡར་འདི་ ཉེན་ཁ་ཆེ་བའི་ས་གནས་ཚུ་ནང་དངོས་མེད་གློག་རིག་ཐོག་ལས་དང་ ཉེན་ཁ་ཆུང་བའི་ས་གནས་ཚུ་དངོས་སུ་འཛོམས་ཐོག་ལས་ སྦྱོག་བརྡར་འདི་ འགོ་འདྲེན་འཐབ་ཡོདཔ་ཨིན།

ལས་རིམ་འདི་ཁྲོམ་སྡེ་ཚུ་དང་ ལེན་ཐེངས་གསུམ་པ་ཨིནམ་དང་ དེ་སྦེ་འགོ་འདྲེན་འཐབ་དགོ་མི་འདི་ཡང་ གཙོ་བོ་རང་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་གི་ ང་བཅས་ར་ས་གནས་གཞུང་གིས་ཕྱག་ལཱ་མཛད་ཐངས་དང་ས་གནས་གཞུང་སྐྱོང་གི་རིམ་པ་ཚུ་ ང་བཅས་ས་གནས་སྐྱོང་ལས་ཁུངས་དང་ ་གཅིག་མཚུངས་སྦེ་ ཧ་གོ་ནི་ཐབས་ལུ་དམིགས་ཏེ་ཨིན།

ང་བཅས་ལས་ཁུངས་ཀྱིས་ འདི་བཟུམ་གྱི་ལས་རིམ་ཚུ་ གོ་བ་ལེགས་སྒྱུར་དང་མཉམ་འབྲེལ་དམ་ཟབ་ཆེད་དུ་ད་ལས་ཕར་ཡང་ ས་གནས་གཞུང་ཚུ་དང་ཅིག་ཁར་ འགོ་འདྲེན་འཐབ་ནི་ཨིན།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved