ས་གནས་འགོ་ཁྲིདཔ་ཚུ་ཡིག་ཚང་ནང་འཛུལ་བའི་བསྒང་ཡོདཔ།

ཀོ་ཝིཊ-༡༩ འི་གནས་སྟངས་ཀྱི་གདོང་ལེན་སྦེ་ མི་མང་ཞབས་ཏོག་ལུ་དམིགས་ཏེ་ རྫོང་ཁག་རང་སོའི་ས་གནས་ཀྱི་ གནས་སྟངས་བདེ་ཧིང་དང་འཁྲིལ་ ས་གནས་གཞུང་གསུམ་པའི་འཐུས་མི་ཚུ་གིས་ ཁས་བླངས་དམ་བཅའ་ཕུལ་ནི་དང་ ཚོགས་ཐུན་དང་པ་འཚོགས་ནི་ དེ་ལས་ ལས་སྡེའི་ངོ་སྤྲོད་ལས་རིམ་ཚུ་ རྫོང་ཁག་ཚུ་གིས་ ཀོ་ཝིཊ-༡༩ འི་ལམ་ལུགས་བསྟར་སྤྱོད་ཐོག་ འགོ་འདྲེན་འཐབ་གནང་དགོཔ་སྦེ་ ནང་སྲིད་ལྷན་ཁག་ལས་ འབྲེལ་ཡོད་དབང་འཛིན་ཚུ་དང་གྲོས་བསྟུན་ཐོག་ ཁྱབ་བསྒྲགས་གནང་ཡོདཔ་ཨིན།
 
གོང་གསལ་ལས་རིམ་ཚུ་ འགོ་འདྲེན་འཐབ་ཚུགས་རུང་ མ་ཚུགས་རུང་ ས་གནས་གཞུང་གི་འཐུས་མི་ཚུ་གི་ ལོ་ངོ་ལྔ་གི་གནས་ཡུན་དང་ ཐོམ་ལམ་ དེ་ལས་ འགན་ཁུར་དང་འགན་འཁྲི་ཚུ་ གོང་གསལ་གནད་དོན་གྱི་གཞི་རྩ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༢ ཟླ་དང་པའི་ཚེས་༢༢ ལས་འགོ་བཙུགས་དགོཔ་ཨིན།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved