རྒེད་དྲུང་གི་གོ་གནས་སྐོར་གྲོས་བསྡུར།

རྒེད་དྲུང་གི་གོ་གནས་སྐོར་གྲོས་བསྡུར།
 
མི་རྗེ་ནང་སྲིད་དང་སྲོལ་འཛིན་བློན་པོ་མཆོག་གི་དབུ་ཁྲི་ཐོག་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འབྲེལ་ཡོད་ལྷན་འཛིན་དང་མཉམ་ སྤྱི་ཚེས་༢/༣/༢༠༢༢ ལུ་ རྒེད་དྲུང་གི་གོ་གནས་དང་འབྲེལ་བའི་གནད་དོན་གུར་ གྲོས་བསྡུར་ཞལ་འཛོམས་ཅིག་ གློག་རིག་ཐོག་འགོ་འདྲེན་འཐབ་ཡོདཔ་ཨིན།  དེ་ཡང་རྒེད་དྲུང་གི་གནས་ཡུན་འདི་ ད་རེས་དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༢ གནམ་ལོ་ ༢༠༢༢ འམ་ སྤྱི་ཚེས་ ༢/ ༤/༢༠༢༢ ལུ་ཚང་དོ་ཡོདཔ་ལས་བརྟེན་ཨིན་པས། ཞལ་འཛོམས་ནང་ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་འབྲེལ་ཡོད་ལས་ཁུངས་འགོ་འཛིན་ཚུ་དང་ འགོ་དཔོན་ ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན།
 
ཞལ་འཛོམས་སྐབས་ ནང་སྲིད་ལྷན་ཁག་གིས་ཁ་ཐུག་ལས་ འབྲུག་གི་ཞི་གཡོག་གི་བཅའ་ཡིག་དང་ སྒྲིག་གཞི་ ༢༠༡༨ ཅན་མ་དང་འཁྲིལ་ཏེ་ རྒེད་དྲུང་ཚུ་མཉམ་སྡེབ་ཁག་འབག་གུར་གཡོག་བཙུགས་འབད་ནི་དང་། འཛུལ་ཞུགས་ཀྱི་གནས་རིམ་ཡང་ བདག་སྐྱོང་ལས་རོགསཔ་ ལྟ་སྐྱོར་པ་ཨེས་ ༤ འབད་མི་གི་གུ་གྲོས་འཆར་ཕུལ་ཡོད་མི་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་དང་གྲོས་བསྟུན་འབད་བའི་གྲོས་ཆོད་དང་འཁྲིལ་ཏེ་གནང་ཡོདཔ་ཨིན།

ས་གནས་ཀྱི་གཞུང་ སྒྲིང་སྒྲི་བཟོ་ཐབས་ལུ་དམིགས་ཏེ་ མཐའ་འཇུག་གི་གྲོས་འཆར་འདི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ཕུལ་ནི་སྦེ་ གྲོས་ཐག་ཆོད་ཡོདཔ་ཨིན།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved