ཕྱགས་སྙིགས་མེད་པའི་ཉིནམ་བརྩི་སྲུང་།


ཟླ་རིམ་བཞིན་དུ་ ཕྱག་སྙིགས་མེད་པའི་ཉིནམ་བརྩིས་སྲུང་དང་འབྲེལ་ ལས་ཁུངས་ཀྱིས་ དབྱིན་ལོ་༢༠༢༡ དབྱིན་ཟླ་༨ པའི་དབྱིན་ཚེས་༦ ལུ་ ཡིག་ཚང་ནང་འཁོད་ཀྱི་ས་ཁོངས་ཚུ་ནང་ མཐིལ་ཕྱིན་གྱི་འཕྱག་བདར་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན། 
བཀྲིས་ཆོས་རྫོང་གི་མཐའ་འཁོར་ལུ་ ཕྱག་བདར་གྱི་ལས་རིམ་ནང་འབྲེལ་གཏོགས་འབད་བ་གི་མ་ཚད་ ལས་ཁུངས་ཀྱི་ལས་བྱེདཔ་ཡོངས་ཀྱིས་ ད་ལས་ཕར ཟླ་རིམ་བཞིན་དུ་ ཟླ་རིམ་གྱི་ལས་རིམ་བཟུམ་ཅིག་སྦེ་ ནང་འཁོད་ཡིག་ཚང་ཕྱག་བདར་གྱི་ལས་རིམ་འདི་འགོ་འདྲེན་འཐབ་ནི་ཨིན་པས།
དེ་སྦེ་འགོ་འདྲེན་འཐབ་དགོ་མི་རེ་འདོད་ངོ་མ་རང་ ལས་བྱེདཔ་ཚུའི་བར་ འབྲེལ་བ་གོང་འཕེལ་བཏང་་ཐབས་དང་ ཡིག་ཚང་ནང་ ལཱ་འབད་སའི་གནས་སྟངས་ དགའ་ཏོག་ཏོ་བཟོ་ཐབས་ལུ་ཨིན་པས།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved