ཨི་ཡུ་རྒྱབ་སྐྱོར་ཐོག་ལས་ འཆར་ལོ་༢༠༢༡-༢༠༢༧ ཚུན་ ས་གནས་གཞུང་སྐྱོང་གི་གཙོ་རིམ།

ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ འཆར་ལོ་༢༠༢༡ ལས་༢༠༢༧ ཚུན་ ཨི་ཡུ་མ་དངུལ་རྒྱབ་སྐྱོར་གི་དོན་ལུ་ གྲོས་བསྟུན་གྱི་ཐོག་ ས་གནས་གཞུང་གི་གཙོ་རིམ་ལུ་ཞི་བཞག་ཞིནམ་ལས་ གྲོས་འཆར་ཅིག་བཟོ་ནིའི་དོན་ལུ་ ས་གནས་སྤ་རོ་ལུ་སྦེ་ ཉིན་གྲངས་༡ གི་རིང་ལུ་ གོ་བསྡུར་ཞལ་འཛོམས་ཅིག་ཚོགས་ཡོདཔ་ཨིན།

ཞལ་འཛོམས་ཀྱི་སྐབས་ ལས་འགུལ་གྱི་གྲོས་འཆར་ཟིན་བྲིས་འདི་ཡང་བསྐྱར་ཞིབ་འབད་ཡོདཔ་མ་ཚད་ གྲོས་འཆར་འདི་ཨི་ཡུ་ལས་འགུལ་ལུ་ཕུལ་ནིའི་དོན་ལས་ སྤྱིར་བཏང་ཨི་ཡུ་རྒྱབ་སྐྱོར་དང་བརྡ་སྟོན་གྱི་གཞི་བཀོད་གུ་ལུ་ཡང་ གྲོས་བསྟུན་འབད་ཡོདཔ་ཨིན།

ལས་ཁུངས་ཀྱི་ཁ་ཐུག་ལས་ ལས་འགུལ་གྱི་གྲོས་འཆར་དང་ཅིག་ཁར་ བརྡ་སྟོན་ཚུ་ཡང་ དབྱིན་ལོ་༢༠༢༡ དབྱིན་ཟླ་༩ པའི་དབྱིན་ཚེས་༡༥ གི་ནང་འཁོད་ཕུལ་དགོཔ་སྦེ་ཡོདཔ་ཨིན།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved